གནམ་བཀབ་གསར་བཟོ།
ན་གཞོན་ཚུ་གི་ རེ་འདོད་ལྟར་དུའོ།
ན་གཞོན་དང་མཉམ་ འཆར་གཞི་བརྩམས་ཐོག་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ཞིན་ན་ གནམ་བཀབ་བཟོ་ནོ་ འགོ་བཙུགས་ཞིནམ་ལས་ གྲུབ་འབྲས་ཡང་ སེམས་ཀྱིས་མནོ་དོ་བཟུམ་དང་ འཆར་གཞི་ལྟར་དུ་ གྲུབ་འབྲས་ཡང་ མཐར་འཁྱོལ་ཅནམ་བྱུང་ཡོད།
སློབ་གྲྭ་ནང་སྡོད་མི་ན་གཞོན་སློབ་ཕྲུག་ཚུ་ དཔེ་ཆ་བལྟ་ས་ ངལ་གསོ་སྡོད་ས་ ལ་སོགས་པའི་གནས་སྟངས་ སྤྲོ་ སྣང་ཅན་ཅིག་ལུ་གྱུར་ཏེ་ཡིད།
ན་གཞོན་ཚུ་ འབྲེལ་འབད་བའི་གནད་ལས་བརྟེན་ ལག་རྩལ་ཤེས་ཡོན་ དཔེར་ན་ ཤིང་བཟོ་དང་ རྡོ་བཟོའི་ལཱ་ མི་ཚེ་ནང་ཉེ་བར་མཁོ་བའི་ ལག་རྩལ་ཤེས་ཡོན་ཐོབ་པའི་ཁར་ ཉམས་མྱོང་ཡང་ལེ་ཤཱ་ར་ ཐོབ་ཡོད།